Showing posts with label dronlha. Show all posts
Showing posts with label dronlha. Show all posts

Saturday, June 21, 2014

'An Auspicious Day' by Dronlha

བཀྲ་ཤིས་པའི་ཉི་མ།

An Auspicious Day

ཚིག       སྒྲོན་ལྷ།
དབྱངས། དམངས་ཁྲོད།
ལེན་མཁན། སྒྲོན་ལྷ།

Lyrics: Dronlha
Music: Traditional
Singer: Dronlha

དེ་རིང་བཀྲ་ཤིས་ཉི་མ།།
བླ་མ་ལྷན་དུ་འཛོམས་པའི་བཀྲ་ཤིས་གླུ་དབྱངས་ལེན་ཡོང་།།
གངས་ཅན་བོད་ཀྱི་སྐྱབས་མགོན་གཙུག་གི་ནོར་བུ་ཁྱེད་ཡིན།།
བླ་མ་ལགས།         བླ་མ་ལགས།         བླ་མ།
ཁྱེད་ཀྱི་སྐུ་ཚེ་བརྟན་པའི་བཀྲ་ཤིས་སྨོན་ལམ་ཞུས་ཡོད།།
ཁྱེད་ཀྱི་སྐུ་ཚེ་བརྟན་པའི་བཀྲ་ཤིས་སྨོན་ལམ་ཞུས་ཡོད།།

Today is an auspicious day
Singing songs about auspiciously reuniting with the guru
You, the crown jewel, are the protector of snowy Tibet
Oh dear guru! Oh dear guru! Oh Guru!
I make auspicious prayers your good health
I make auspicious prayers your good health

དེ་རིང་བཀྲ་ཤིས་ཉི་མ།།
ཕ་མ་ལྷན་དུ་འཛོམས་པའི་བཀྲ་ཤིས་གླུ་དབྱངས་ལེན་ཡོང་།།
བྱམས་སེམས་ཅན་གྱི་ཕ་མ་འཛམ་གླིང་ཉི་མ་སེར་པོ།།
ཕ་མ་ལགས།         ཕ་མ་ལགས།         ཕ་མ།
ཁྱེད་ལ་ན་ཚ་མེད་པའི་བཀྲ་ཤིས་སྨོན་ལམ་ཞུས་ཡོད།།
ཁྱེད་ལ་ན་ཚ་མེད་པའི་བཀྲ་ཤིས་སྨོན་ལམ་ཞུས་ཡོད།།

Today is an auspicious day
Singing songs about auspiciously reuniting with our parents
 Loving parents are the golden sun of this world
Oh dear parents! Oh dear parents! Oh parents!
I make auspicious prayers that you may be free from illness
I make auspicious prayers that you may be free from illness

དེ་རིང་བཀྲ་ཤིས་ཉི་མ།།
གྲོགས་པོ་ལྷན་དུ་འཛོམས་པའི་བཀྲ་ཤིས་གླུ་དབྱངས་ལེན་ཡོང་།།
འགྱུར་མེད་སེམས་གྱི་གྲོགས་པོ་མཐུན་སྒྲེལ་གྱི་ཨ་ལུང་།།
གྲོགས་པོ་ལགས།    གྲོགས་པོ་ལགས།    གྲོགས་པོ།
ཁྱེད་ཀྱི་བསམ་འགྲུབ་པའི་བཀྲ་ཤིས་སྨོན་ལམ་ཞུས་ཡོད།།
ཁྱེད་ཀྱི་བསམ་འགྲུབ་པའི་བཀྲ་ཤིས་སྨོན་ལམ་ཞུས་ཡོད།།
ཁྱེད་ཀྱི་བསམ་འགྲུབ་པའི་བཀྲ་ཤིས་སྨོན་ལམ་ཞུས་ཡོད།།

Today is an auspicious day
Singing songs about auspiciously reuniting with friends
A friend with a stable heart is a ring of harmony
Oh dear friends! Oh dear friends! Oh friends!
I make auspicious prayers for achievement of your goals
I make auspicious prayers for achievement of your goals
I make auspicious prayers for achievement of your goals

-Translated by Lobsang

Wednesday, June 11, 2014

'Hopeful Expectations' by Dronlha

རེ་སྒུག

Hopeful Expectations

ཚིག       སྒྲོན་ལྷ།
དབྱངས། དམངས་ཁྲོད།
ལེན་མཁན།          སྒྲོན་ལྷ།
བརྙན་ལེན་མཁན། གེ་རྒྱལ་པདྨ།
དབྱངས་སྦྱོར་མཁན། ཉང་ཧང་།
དྲས་སྒྲིག་མཁན།    གེ་རྒྱལ་པདྨ།

Lyrics: Dronlha
Music: Traditional
Singer: Dronlha
Camera: Gegyal Padma
Music Production:  Nyang Hang
Costume Design: Gegyal Padma

ཁ་བྱུག་བཞུགས་ས་གཞན་ཡུལ་ཡིན།།
གསུང་སྐད་སྙན་མོ་བོད་ལ་སྒྲོག་བྱུང་།།
དགའ་བའི་གླུ་དབྱངས་དེ་རིང་ལེན།།
གངས་ལྗོངས་བོད་མིའི་བསམ་དོན་འགྲུབ།།
དགའ་བའི་གླུ་དབྱངས་དེ་རིང་ལེན།།
གངས་ལྗོངས་བོད་མིའི་བསམ་དོན་འགྲུབ།།

The cuckoo bird’s residence is in a foreign land
His inspiring words are well known in Tibet
Today I’ll sing a song of joy
The wishes of the Snow Land Tibetans will be fulfilled
Today I’ll sing a song of joy
The wishes of the Snow Land Tibetans will be fulfilled

ཁ་བྱུག་བཞུགས་ས་གཞན་ཡུལ་ཡིན།།
སེམས་པ་འཁོར་ས་བོད་ཡུལ་ཡིན།།
དགའ་བའི་གླུ་དབྱངས་དེ་རིང་ལེན།།
གངས་ལྗོངས་བོད་མིའི་རེ་སྒུག་ཡིན།།
དགའ་བའི་གླུ་དབྱངས་དེ་རིང་ལེན།།
གངས་ལྗོངས་བོད་མིའི་རེ་སྒུག་ཡིན།།

The cuckoo bird’s residence is in a foreign land
His thoughts revolve around the Tibetan lands
Today I’ll sing a song of joy
This is the hopeful expectations of the Snow Land Tibetans
Today I’ll sing a song of joy
This is the hopeful expectations of the Snow Land Tibetans

ཁ་བྱུག་བཞུགས་ས་གཞན་ཡུལ་ཡིན།།
གངས་ཅན་བོད་ལ་མྱུར་ཕེབས་ཡིན།།
དགའ་བའི་གླུ་དབྱངས་དེ་རིང་ལེན།།
ཁ་བའི་བོད་མིའི་རེ་སྒུག་ཡིན།།

The cuckoo bird’s residence is in a foreign land
He will return to the snowy land of Tibet soon
Today I’ll sing a song of joy
This is the hopeful expectations of Snow Land Tibetans

Note: Today I would like to offer to all you, friends of Call of the White Crane, a true gem of uplifting beats interwoven with the beautiful voice of Dronlha (a singer I just only recently discovered). It may be noted that the Dronlha composed these lyrics herself, which is not terribly common for many singers. They are quite simple lyrics and suitable for even a complete beginner along with his or her dictionary. Enjoy!

-Lobsang