Sunday, April 13, 2014

'Unifying the Key Points' by Lobsang Dawa, Dawa Lobsang, Chotso Kyi, and Draying

རྡོག་རྩ་གཅིག་སྒྲིལ།

Unifying the Key Points

གླུ་བ།     བློ་བཟང་ཟླ་བ་དང་ཟླ་བ་བློ་བཟང་།
གླུ་མ།     ཆོས་མཚོ་སྐྱིད་དང་ཀྲ་ཡིངས།

Male Singers: Lobsang Dawa and Dawa Lobsang
Female Singers: Chotso Kyi and Draying




ཤེས་ཡོན་ཡོད་ན་བོད་པའི་གཅེས་ཕྲུག་ཡིན། །
ཧེ་་་་་ཧེ་་་་་
ཤེས་ཡོན་ཡོད་ན་ཁ་བའི་སྙིང་ནོར་ཡིན། །
ཤེས་ཡོན་ཡོད་ན་མ་འོང་གཞི་འཛིན་ཡིན། །
དེ་ཕྱིར་ཤེས་ཡོན་ཡོད་དགོས་བོད་པའི་བུ། །

If you have education, you are a cherished Tibetan child .
Hey hey, hey…
If you have education, you are a treasured jewel of the snowlands.
If you have education, you've grasped the basis for the future.
For these reasons, you need to have education, child of Tibet.

ཤེས་ཡོན་ཡོད་ན་གངས་རིའི་བདག་པོ་ཡིན །།
ཧེ་་་་་ཧེ་་་་་
ཤེས་ཡོན་ཡོད་ན་གསེར་ཁྲིའི་མངའ་བདག་ཡིན། །
ཤེས་ཡོན་ཡོད་ན་འགྲོ་བའི་སྐྱབས་མགོན་ཡིན། །
དེ་ཕྱིར་ཤེས་ཡོན་ཡོད་དགོས་བོད་པའི་བུ། །

If you have education, you are a master of the snow mountains.
Hey, hey hey…
If you have education, you are the holder of the golden throne.
If you have education, you are the refuge and protector of beings.
For these reasons, you need to have knowledge, Tibetan children.

ཤེས་ཡོན་ཡོད་ན་འགྲོ་བའི་སྐྱབས་མགོན་ཡིན། །
དེ་ཕྱིར་ཤེས་ཡོན་ཡོད་དགོས་བོད་པའི་བུ། །

If you have education, you are the refuge and protector of beings.
For these reasons, you need to have knowledge, Tibetan children.

ཤེས་ཡོན་མེད་ན་མི་རིགས་ཁོག་སྟོང་ཡིན། །
ཧེ་་་་་ཧེ་་་་་
ཤེས་ཡོན་མེད་ན་རྒྱལ་ཁབ་དབུལ་བོ་ཡིན། །
ཤེས་ཡོན་མེད་པ་ཕ་གཞིས་སྟོང་བ་རེད། །
དེ་ཕྱིར་ཤེས་ཡོན་སྦྱོང་དགོས་ཨ་མའི་བུ། ། 

If you lack education, your ethnicity is hollow and empty.
Hey, hey hey….
If you lack education, your country is impoverished.
Lacking education leaves your ancestral heritage barren.
For these reasons, you need to educate yourself, mother's son.

ཤེས་ཡོན་མེད་ན་རང་གི་མདུན་ལམ་མེད །།
ཧེ་་་་་ཧེ་་་་་
ཤེས་ཡོན་མེད་ན་གཞན་གྱི་བྲན་གཡོག་ཡིན། །
ཤེས་ཡོན་མེད་ན་མི་ཚེའི་ཁ་ཕྱོགས་མེད། །
དེ་ཕྱིར་ཤེས་ཡོན་སྦྱོང་དགོས་ཨ་མའི་བུ། །

If you lack education, there is no road to the future.
Hey, hey hey…
If you lack education, you are enslaved to others.
If you lack education, your life lacks direction.
For these reasons, you need to educate yourself, mother's son.

ཤེས་ཡོན་མེད་ན་མི་ཚེའི་ཁ་ཕྱོགས་མེད། །
དེ་ཕྱིར་ཤེས་ཡོན་སྦྱོང་དགོས་ཨ་མའི་བུ། །

If you lack education, your life lacks direction.
For these reasons, you need to educate yourself, mother's son.

ཤེས་རིག་འདི་ནི་འགྲོ་བའི་སྐྲོན་མེ་ཡིན། །
ཧེ་་་་་ཧེ་་་་་
ཤེས་རིག་འདི་ནི་སྙིང་གི་ནོར་བུ་ཡིན། །
དེ་ཕྱིར་ཆོལ་གསུམ་གངས་རིའི་བདག་པོ་ཚོ། །
རྡོག་རྩ་གཅིག་སྒྲིལ་ཤེས་རིག་ལམ་དུ་འགྲོ། །
རྡོག་རྩ་གཅིག་སྒྲིལ་ཤེས་རིག་ལམ་དུ་འགྲོ། །
རྡོག་རྩ་གཅིག་སྒྲིལ་ཤེས་རིག་ལམ་དུ་འགྲོ། །

This knowledge is the blazing torch for beings.
Hey, hey hey.
Knowledge is a highly treasured jewel.
Therefore, masters of the snow mountains and three provinces,
Go along the path of knowledge, unifying the key points into one.



 Translated by Lobsang

No comments:

Post a Comment