གངས་དཀར་སེམས་ཀྱི་ཐིགས་པ། །
Snowflakes of the Snow White Heart
ཚིག ཀ༔སྤྲུལ་ཚུལ་ཁྲིམས་བསྟན་འཛིན།
ལེན་མཁན། སྒྲོལ་མ་ཆོས་འཛོམས།
Lyrics: Tsultrim Tenzin, the Tulku from Katok
Singer: Drolma Choezom
འཛམ་གླིང་ཡང་རྩེའི་སྟེང་ན། །
ཕ་ས་གཟུང་བའི་མི་རིགས། །
གདོང་དམར་གངས་ཅན་བོད་པ། །
གླུ་ལ་དར་ཅིག་གསོན་དང་། །
གླུ་ལ་དར་ཅིག་གསོན་དང་། །
On the very top of the earth,
A race that upholds their fatherland -
The red-faced snowy Tibetans.
For just a moment, listen to this song.
For just a moment, listen to this song.
འཇིག་རྟེན་མི་ཚོགས་ཁྲོད་ན། །
ང་ཚོ་ཁྲག་རྒྱན་གཅིག་རེད། །
སྐྱེ་ཤི་མཉམ་དུ་མེད་ཀྱང་། །
སྐྱིད་སྡུག་གཅིག་ཏུ་འགྲོ་དགོས། །
སྐྱིད་སྡུག་གཅིག་ཏུ་འགྲོ་དགོས། །
Amidst the masses of this world,
Our blood is an ornament.
Though birth and death are in unison
Joy and sorrow need to go as one
Joy and sorrow need to go as one
མི་རིགས་གཅིག་གི་ནང་དུ། །
ཆོལ་གསུམ་བཟང་ངན་མ་གླེང་། །
སྟོན་ཕ་གཅིག་གི་ཆོས་ལ། །
གྲུབ་མཐའ་བཟང་ངན་མ་རྩོད། །
གྲུབ་མཐའ་བཟང་ངན་མ་རྩོད། །
Within a single race,
Do not speak of the three provinces as better or worse.
In the dharma of the single teacher,
Do not debate the tenet systems as better or worse.
Do not debate the tenet systems as better or worse.
རིགས་མཐུན་སྤུན་ཟླ་རྣམ་པ། །
མེས་པོའ་ཁྲེལ་གཞུང་བསྐྱངས་ཏེ། །
ཡ་རབ་གཤིས་དྲང་ངང་ནས། །
སྤུན་ཟླའི་སྤྱི་སེམས་མ་བརྗེད། །
སྤུན་ཟླའི་སྤྱི་སེམས་མ་བརྗེད། །
སྤུན་ཟླའི་སྤྱི་སེམས་མ་བརྗེད། །
སྤུན་ཟླའི་སྤྱི་སེམས་མ་བརྗེད། །
Relatives in harmony with their ethnicity
Protecting the traditions of the ancestors
In a state of honesty and a polite disposition
Do not forget the collective mind of your relatives
Do not forget the collective mind of your relatives
Do not forget the collective mind of your relatives
-Translated by Lobsang
No comments:
Post a Comment