ཆུང་འདྲིས་བྱམས་པ།
Childhood Love
ཚིག བསང་ཚེ་བཀྲ།
དབྱངས། བསང་གསེར་མིག
ལེན་མཁན། ཅོ་ནེ་ཨ་སྒྲོལ།
Lyrics: Sangtseta
Music: Sangsermig
Singer: Adrol from Cone
ངའི་དྲན་འཛིན་མེ་ལོང་ངོས་ལ།།
བསུབ་མི་ཐུབ་རྨ་ཁ་བཞག་དེ།།
བརྗེད་མི་ཐུབ་དྲན་ཤིང་བསྐྱར་དེ།།
ཁྱོད་འདི་ལྟར་ང་ལ་བྲལ་དུས།།
རི་མཐོན་པོ་དར་ལྕོག་དྲན་གི།
ཆུ་གཙང་པོའི་བཞུར་རྒྱུན་དྲན་གི།
ཆུང་འདྲིས་བྱམས་པ།
ཆུང་འདྲིས་བྱམས་པ།
Upon the mirror of my memories
Is a wound that cannot heal
When you left me like that
Prayer flags on high mountains come to mind
The flow of crystal clear rivers come to mind
Childhood love
Childhood love
ངའི་འཇིག་རྟེན་བརྩེ་བའི་རིན་ཐང་རྟོགས་བྱུང་།།
ང་ཁྱོད་ཀྱི་སྐད་ཅིག་རྨི་ལམ་དེ་ཡིན།།
ཁྱོད་ང་ཡི་དམར་ཆུང་སེམས་པ་དེ་ཡིན།།
I’ve realized the value of worldly love
I’m just one of your momentary dreams
And you, that tender heart of mine
[Repeat]
ངའི་རང་སེམས་རང་གིས་གསོས་དེ།།
འདས་ཟིན་པར་སྔོམ་ཚིག་བཀོད་དེ།།
ལམ་གསར་བར་འཚོལ་སྙེག་བྱེད་དུས།།
ངའི་འདི་ལྟར་རང་ངོ་ཟིན་བྱུང་།།
དྲིན་ཕ་མའི་བསླབ་བྱ་དྲན་གི།
གྲོགས་སྤུན་ཟླའི་སེམས་གཏམ་དྲན་གི།
ཆུང་འདྲིས་བྱམས་པ།
ཆུང་འདྲིས་བྱམས་པ།
I’ll heal my own mind myself
And place a conclusion on what has already passed
When I search out upon a new path
This is how I’ve come to recognize myself
My kind parents' instructions comes to mind
Friends and relatives’ heartfelt advice comes to mind
Childhood love
Childhood love
ངའི་འཇིག་རྟེན་མི་ཚེའི་དོན་སྙིང་རྟོགས་བྱུང་།།
ང་ཁྱོད་ཀྱི་སྐད་ཅིག་རྨི་ལམ་དེ་ཡིན།།
ཁྱོད་ང་ཡི་དམར་ཆུང་སེམས་པ་དེ་ཡིན།།
I’ve come to realize the essence of life in this world
I’m just a momentary dream of yours
And you, that tender heart of mine
[Repeat]
-Translated by Lobsang
No comments:
Post a Comment