Devout Tibetan
ཚིག སྔགས་བརྩོན་འགྲུས།
དབྱངས། བསང་གསེར་མིག
གཞས་མ། ཕུན་ཚོགས་སྒྲོལ་མ།
Lyrics: Ngag Tsondru
Music: Sang Sermig
Song: Phuntsok Drolma
།
ཆོས་ལྡན་བོད་པ།
ཨ་ལི་ཀ་ལི་བོད་མིའི་བླ་སྲོག་ཡིན། །
ཁ་དོན་དགེ་སྦྱོར་ཡང་དག་ལྟ་བ་ཡིན། །
སྔོན་ཐོན་རིག་གཞུང་ཁ་བའི་སྙིང་ནོར་ཡིན། །
ང་ཡི་མིང་ལ་ཁ་བ་བོད་པ་ཟེར། །
ཨོ་་་ཧོ་ཧོ་ཧོ་་་བོད་པ་ཟེར། །
ང་ཡི་མིང་ལ་ཁ་བ་བོད་པ་ཟེར། །
The Tibetan alphabet is the soul of the Tibetan people
Chanting and genuine spiritual practice is our view
This ancient culture is the heart-jewel of the snowland
They call me a Tibetan from the snowlands
Ohh! They call me a Tibetan!
They call me a Tibetan from the snowlands
གངས་ཕྲེང་ཉེར་གཅིག་འཛམ་གླིང་ཡང་རྩེ་ཡིན། །
སློབ་དཔོན་ཐོན་མི་མཁས་པའི་བཙུག་རྒྱན་ཡིན། །
ཡུམ་སྐད་དྭངས་མོ་ལ་རྒྱའི་བ་དན་ཡིན། །
ང་ཡི་མིང་ལ་རྣམ་དག་བོད་པ་ཟེར། །
ཨོ་་་ཧོ་ཧོ་ཧོ་་་བོད་པ་ཟེར། །
ང་ཡི་མིང་ལ་རྣམ་དག་བོད་པ་ཟེར། །
The string of the twenty-one snow mountains is the top of the world
The master Thonmi Sambhota is the crowning jewel of scholars
Our pure mother tongue is the banner of loyalty
They call me a completely pure Tibetan
Ohh! They call me a Tibetan!
They call me a completely pure Tibetan
བློ་དཀར་གཞུང་དྲང་བོད་མིའི་རང་གཤིས་ཡིན། །
འགྱུར་མེད་དེད་པ་རྣམ་དག་སྤྱོད་པ་ཡིན། །
སྤྲིན་སྲིན་སེམས་དཔའི་རིགས་ལས་མཆེད་པའི་བུ། །
ང་ཡི་མིང་ལ་ཆོས་ལྡན་བོད་པ་ཟེར། །
ཨོ་་་ཧོ་ཧོ་ཧོ་་་བོད་པ་ཟེར། །
ང་ཡི་མིང་ལ་ཆོས་ལྡན་བོད་པ་ཟེར། །
ང་ཡི་མིང་ལ་ཆོས་ལྡན་བོད་པ་ཟེར། །
A pure mind and honest character is the nature of the Tibetan people
Unwavering faith is our pure conduct
Offspring multiplying from the heroic bloodline of the
monkey and ogress
They call me a devout Tibetan
Ohh! They call a Tibetan!
They call me a devout Tibetan
They call me a devout Tibetan
-Translated by Lobsang
No comments:
Post a Comment