Wednesday, April 23, 2014

'Melody of Memories' by Mindrol Lhamo

དྲན་པའི་འགྱུར་ཁོག
A Melody of Memories

ཚིག     སྨིན་དབུས་པོ།
གཞས་མ།                   སྨིན་སྒྲོལ་ལྷ་མོ།
Lyrics: Min from U
Singer: Mindrol Lhamo




འཇིག་རྟེན་གྱི་མཐོ་སར་བཞུགས་པའི། ངའི་སེམས་ཀྱི་སྒྲོན་མེ།
ཉི་མ་དང་ཟླ་བ་མ་ཡིན།    རྗེ་རྩ་བའི་བླ་མ།
ནང་གི་མུན་པ་ཁྱེད་ཉིད་གཅིག་པུས་སེལ།
ཨོ།     འགྲོ་བའི་མུན་འཇོམས་ལགས།
ཁྱེད་རང་གཅིག་པུ་འཛམ་གླིང་མིག་འབྲས་ཡིན།
ཨོ།  གསོལ་བ་འདེབས་ཀི་ཡོད།
ཨོ།  ཡིད་བཞིན་ནོར་བུ་ལགས།
ཨོ།  བརྩེ་ཆེན་ཐུགས་རྗེས་གཟིགས།
ང་ཁྱེད་ཀྱི་བུ་རྒྱུད།
ང་ཁྱེད་ཀྱི་བུ་རྒྱུད།
ང་ཚོའི་སེམས་ན་ནམ་ཡང་ཁྱེད་ཉིད་བཞུགས།

Sitting high above this world; the lamp of my heart
Not the sun, not the moon; my master, my root guru
You alone dispell the darkness within
Oh, great vanquisher of the ignorance of beings,
You alone are the eyes of this world!
Oh, I pray!
Oh, Great wish-fullfilling jewel!
Oh! Look upon us with your great compassion!
As heirs to your lineage
As heirs to your lineage
You are always in our hearts.

མི་ཡུལ་ན་འགྲན་ཟླ་མེད་པའི། ངའི་དྲིན་ཅན་མ་ལོ།
ལྷ་མོ་དང་ཀླུ་མོ་མ་ཡིན། དྲིན་ཆེ་བའི་ཨ་མ།
མི་ཚེའི་ཡོད་ཚད་ཁྱེད་ཉིད་གཅིག་པུས་སྦྱིན།
ཨོ།   བརྩེ་བའི་བདག་མོ་ལགས།
ཁྱེད་ཉིད་གཅིག་པུ་ང་ཡི་སེམས་རྟེན་ཡིན།
ཨོ།  བཀའ་དྲིན་དྲན་ཀི་ཡོད།
ཨོ།  དྲིན་ཆེན་མ་ལོ་ལགས།
ཨོ།  ཐུགས་སེམས་དྭངས་མོ་གྱིས།
ང་ཁྱེད་ཀྱི་གཅེས་ཕྲུག
ང་ཁྱེད་ཀྱི་གཅེས་ཕྲུག
ང་ཡི་སེམས་ན་ནམ་ཡང་ཁྱེད་ཉིད་ཡོད།
ང་ཁྱེད་ཀྱི་གཅེས་ཕྲུག
ང་ཁྱེད་ཀྱི་གཅེས་ཕྲུག
ང་ཡི་སེམས་ན་ནམ་ཡང་ཁྱེད་ཉིད་ཡོད།
                                       
Unparalleled in this humanly realm; my gracious mother.
Not a goddess, not a nagini; the kindest of all, my mother.
You alone have given me all there is in this life
Oh, benevolent matron!
You alone are my heart’s support
Oh! I rememeber your great kindness
Oh, my most kind mother,
With your pure heart glowing
I am your dear child
I am your dear child
You are always in my heart
I am your dear child
I am your dear child
You are always in my heart


Notes:

A beautiful song by one of our favorite singer-heroines, Mindrol Lhamo, about her kind root guru (Khenchen Jigme Phuntsok) and her dear mother. Really mellow and touching ... please enjoy!


-Lobsang

No comments:

Post a Comment