Thursday, July 31, 2014

'Tibetan Girl' by Rinchen Tso

བོད་པའི་བུ་མོ། 

Tibetan Girl

གཞས་མ།       རིན་ཆེན་མཚོ།

Singer: Rinchen Tso




ངའི་མིང་ལ་བོད་པའི་བུ་མོ་ཟེར།།
ངའི་ཞལ་རས་གངས་རི་དཀར་པོར་འགྲན།།
ངའི་ཟུངས་ཁྲག་གངས་ཆུ་དྭངས་མོས་གསོས།།
ང་བུ་མོའི་རུས་རྒྱུད་གཙང་མ་ཡིན།།

My name is ‘the Girl from Tibet’
My face rivals white snow mountains
My vital blood is nourished by sparkling glacial waters
I am a girl from a pure lineage

ངའི་མིང་ལ་བོད་པའི་བུ་མོ་ཟེར།།
ང་དད་ས་བོད་པའི་བླ་མ་ཡིན།།
ངས་བཀུར་ས་བོད་ཀྱི་ཕ་མ་ཡིན།།
ང་བོད་པའི་བུ་མོ་ལྷད་མེད་ཡིན།།

My name is ‘the girl from Tibet’
My faith is in the Tibetan guru
My respect is to my Tibetan parents
I am an untainted Tibetan girl

ངའི་མིང་ལ་བོད་པའི་བུ་མོ་ཟེར།།
ང་འཚོ་ས་སྤང་ལྗོངས་སྔོན་མོ་ཡིན།།
ངའི་འཚོ་རྟེན་རྟ་ནོར་ལུག་གསུམ་ཡིན།།
ང་བོད་རྒྱལ་མེས་པོའི་ཚ་མོ་ཡིན།།

My name is ‘the girl from Tibet’
My life is on the green grasslands
My livelihood is supported by horse, cattle, and sheep
I am the granddaughter of royal forefathers

ངའི་མིང་ལ་བོད་པའི་བུ་མོ་ཟེར།།
ངས་སློབ་རྒྱུ་བོད་ཀྱི་དབྱངས་གསལ་ཡིན།།
ངས་བཤད་རྒྱུ་རང་སྐད་གཙང་མ་ཡིན།།
ང་བུ་མོ་བོད་ཀྱི་རྒྱུད་འཛིན་ཡིན།།

My name is ‘the girl from Tibet’
What I study are the [Tibetan] vowels and consonants
What I speak is my pure native language
I am a girl who upholds the Tibetan lineage

-Translated by Lobsang

No comments:

Post a Comment